洛桑 རང་ཉིད་ངོ་སྤྲོད།

· 吉美学员

洛桑

来自果洛州班玛县

从2014年来到吉美坚赞民族职业学校

2015年开始影视制作

喜欢拍照和拍摄

broken image

རང་ཉིད་ངོ་སྤྲོད།

ཁོ་བོ་ནི་མགོ་ལོག་པད་མའི་ཕྱོགས་ཀྱི་ལྕགས་རི་ཡུལ་ཤོག་གི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ཕ་ཡུལ་གྱི་སློབ་ཆུང་འདོན་ཚར་རྗེས། དགོན་ནང་དུ་སོང་སྟེ་རིམ་གྱིས་དགོན་པའི་སློབ་གྲྭ་དང་བཤད་གྲྭ་ཁག་ནས་སློབ་སྦྱོང་བྱས་ཤིང་། ༢༠༡༢ ལོ་ནས་བཟུང་ད་བར་དུ་ཕྱོགས་གཞན་གྱི་གྲྭ་ས་དང་སློབ་གླིང་ཁག་ནས་སློབ་སྦྱོང་ཐན་ཐུན་རེ་བྱས་མྱོང་ཡོད།

གློག་བརྙན་རིག་གནས་ནི་གཞི་རྒྱ་ཆེ་ཞིང་སྤྱོད་སྒོ་ཡངས་བའི་ཕུན་སུམ་ཚོགས་པའི་རིག་གནས་རང་བཞིན་ཅན་གྱི་ལག་ཆ་མ་ཡོད་ཐབས་མེད་ཅིག་ཏུ་ཆགས་འདུག

broken image

个人作品

བརྙན་མིང་། རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས།

片名 拉加寺院

རིང་ཚད། སྐར་མ ༢༠

片长 20分

broken image

བརྩམས་ཆོས་ངོ་སྤྲོད་མདོར་བསྡུས།

བརྙན་འདིའི་ནང་དུ་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཆགས་ཇི་ལྟར་བཏབ་ཚུལ་དང་། ཆགས་འདེབས་པ་པོ། ཆོས་འཆད་ཉན་དང་དུས་མཆོད། སྨོན་ལམ། ཆོས་ཐོག་སོགས་ཀྱི་ལོ་རྒྱུས་བྱུང་རིམ་དང་འབྲེལ་ཏེ་རྭ་རྒྱ་དགོན་གྱི་གུས་སྐུ་ཆེན་མོའི་ཡུལ་དངོས་ཇི་བཞིན་དངོས་བྲིས་གློག་བརྙན་གྱི་ལམ་ནས་ལྟད་མོ་བའི་མིག་ལམ་དུ་མངོན་ཐུབ་པར་བྱས་ཡོད།

broken image
broken image