加洋扎西 འཇམ་དབྱངས་བཀྲ་ཤིས།

· 吉美学员

名字 : 加洋扎西

故乡:夏河县科才乡

2014年就读吉美坚赞民族职业学校

2015年加入吉美坚赞民族职业学校影像与影视技术专业班

དངོས་མིང་། འཇམ་དབྱངས་བཀྲ་ཤིས།

ཕ་ཡུལ། བླ་བྲང་ཁོ་ཚེ།

༢༠༡༤ ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས།

༢༠༡༥ ལོར་ཤེས་རིག་གླིང་གློག་བརྙན་འཕྲིན་ཆེད་སྦྱོང་དུ་ཞུགས།

broken image

专业作品

《跳神》 《胎发节》 《剪羊毛》 《 阿咪麻尔罗》 《群羊嘎粑》the flock of sheep Gaba

ཆེད་སྦྱོང་བརྩམས་ཆོས།

《རྒྱལ་ལོའི་བཅུ་གསུམ་གྱི་ཤ་འཆམ།》 《མནོལ་སྟོན་བྱིས་པ་དགའ་སྐྱེད།》 《ལུག་བལ་འབྲེག་པ།》 《ཨ་མའི་མར་ལོ།》 《ཁྱུ་ཡོང་གད་པ།》

想说的话

“纪录片让我进入到家乡的习俗中,所以就像热爱家乡一样爱影视。”

བརྗོད་འདོད་པའི་སྐད་ཆ།

དངོས་བཤུས་གློག་བརྙན་གྱིས་ང་རང་ཕ་ཡུལ་གྱི་ཡུལ་ཆོས་རྣལ་མར་འདྲིས་སུ་བཅུག དེའི་ཕྱིར་ཁོ་བོ་ཕ་ཡུལ་ལ་དགའ་བ་བཞིན་གློག་བརྙན་ལའང་དུངས།

broken image

个人作品

群羊嘎粑

片长:71分钟

片子简介

这部影片是我两年里放暑假时候拍的一部纪录片。这部影片可以说是吉美坚赞民族职业学校近四年里所学到的最大的成绩,也是我献给恩师与父母最好的礼物。

,粑里聚集起来,当羊群数量超过数千以上便称为千羊嘎粑。这些牛羊的身上都有耳标和颜料标记,牧主们仔细地寻找,看到自自家的牛羊之后,就可以各自带走,也有牧主们就彼此发誓的规矩,最后没被认领的剩余牛羊就抽签分给村里的每个家户。

བརྙན་མིང་། ཁྱུ་ཡོང་གད་པ།

རིང་ཚད། སྐར་མ། ༧༡

ནང་དོན་གནད་བསྡུས།

གློག་བརྙན་འདི་ནི་གུས་པས་ལོ་གཉིས་ཀྱི་དབྱར་གནང་སྐབས་བརྙན་དུ་ཕབ་པའི་དངོས་བཤུས་གློག་བརྙན་ཞིག་ཡིན། འདི་ནི་ཁོ་བོས་མི་ལོ་བཞི་ཙམ་ལ་ཤེས་རིག་གླིང་ནས་སློབ་སྦྱོང་བྱས་པའི་འབྲས་རྟགས་ཆེ་ཤོས་དེ་ཡིན་ལ། དགེ་རྒན་དང་ཕ་མ་ཚོར་ཕུལ་བའི་སྐྱེས་ལེགས་ཤོས་ཉིད་ཀྱང་ཡིན།

བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཁོ་ཚེའི་འབྲོག་ཐང་ནི་བདག་གི་ཕ་ཡུལ་ཡིན་ཞིང་། ནམ་རྒྱུན་ཁོ་ཚེ་བས་རུ་དབྱར་ས་སོགས་སུ་སྤོར་སྐབས་ནོར་ལུག་འདྲེས་པའམ་བོར་སྟོར་འབྱུང་བ་ཧ་ཅང་མང་བས། དུད་ཁྱིམ་སོ་སོའི་ལུག་ཁྱུ་དང་ནོར་ཁྱུའི་གྲལ་ལ་གཞན་ནས་ཡོང་བའི་ལུག་ལྡོམ་དང་ནོར་ལྡོམ་སོགས་བདག་མེད་ཀྱི་ལྡོམ་པོ་མཐའ་དག་ལོ་རེའི་དབྱར་འདུན་ཉིན་སྡེ་དཔོན་གྱི་གམ་ནས་མནའ་གན་མཐུ་བོ་ཆེ་བསྐྱལ་ནས་རྩིས་སྤྲོད་བྱེད་པ་དང་། སྡེ་དཔོན་རྣམས་ཀྱིས་ཀྱང་རང་རང་གི་རུ་སྐོར་ལས་ནོར་ལུག་གི་ཁ་གྲངས་ཅི་ཡོད་རུ་ཆེན་དཔོན་གྱི་གམ་ནས་མནའ་བསྐྱལ་ཞིང་རྩིས་སྤྲོད་དགོས། དེ་དག་རྩེ་གཞུང་ཚྭ་ཁའི་ཐང་ཆེན་གྱི་ཁྱུ་ཡོང་གད་པ་ཞེས་པའི་གད་པ་འདིར་བསྡུས་ཤིང་བསྡོམས་ནས་ཐེངས་གང་མང་ཞིག་ལ་སྟོང་ལུག་ལ་བུད་མྱོང་བས་སྟོང་ལུག་གད་པ་ཞེས་ཀྱང་འབོད། དེ་ལྟར་ནོར་ལུག་གི་རྣ་རྟགས་དང་མཚལ་རྟགས། ཁ་དོག་སོགས་ལ་ཞིབ་ཏུ་བལྟས་རྗེས་རྒྱུ་བདག་སོ་སོས་འཁྱེར་ཆོག་ལ། རྒྱུ་བདག་མི་རེ་ངོ་རེ་བྱས་ནས་མནའ་གན་མཐུ་བོ་ཆེ་རེ་བསྐྱལ་ནས་འཁྱེར་སྲོལ་ཞིག་ཀྱང་ཡོད། མཐར་སུ་གང་གིས་ཀྱང་མིན་པའམ་ངོས་མ་ཟིན་པར་ལྷག་མར་འབྱུང་བའི་ནོར་ལུག་ཅི་མཆིས་རུ་སྐོར་རེ་རེ་དང་དུད་ཁྱིམ་རེ་རེར་རྒྱན་འཕངས་ནས་ཐོབ་སྐལ་ལྟར་སྐྱེས་སུ་གནང་ལུགས་ཡོད་པ་ཞིག་གོ །

broken image
broken image

剪羊毛

片长:19分钟

བརྙན་མིང་། ལུག་བལ་འབྲེག་པ།

རིང་ཚད། སྐར་མ། ༡༩

片子简介

这部影片是纪录在家乡的夏季里,村里邻居们的相互帮助与支持下剪羊毛的过程。

ནང་དོན་བསྡུས་བཤད།

བརྙན་ཐུང་འདི་ནི་ཕ་ཡུལ་གྱི་དབྱར་གཞུང་སྐབས་སུ་རུ་སྐོར་གྱི་ཁྱིམ་མཚེས་དག་གི་རོགས་རམ་འོག་ངེད་ཚང་གི་ལུག་བལ་བྲེགས་པའི་རྒྱུད་རིམ་དེ་བརྙན་དུ་ཕབ་པ་ཞིག་ཡིན།

broken image
broken image