普哇贡རང་ཉིད་ངོ་སྤྲོད།

· 吉美学员

普哇贡

来自青海省果洛州玛沁县雪山乡

2014年来到吉美坚赞民族职业学校2015年开始学习影视制作,

曾拍摄《格多尔》《格日寺》《玛尼石》等

broken image

རང་ཉིད་ངོ་སྤྲོད།

ངའི་མིང་ལ་ཕུར་བ་མགོན་ཟེར་ཞིང་༡༩༩༦ལོར་ཕ་ཡུལ་མགོ་ལོག་གངས་རི་ནས་སྐྱེས། སྤྱི་ལོ་༢༠༡༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཏེ་བོད་རྒྱ་དབྱིན་གསུམ་གཙོས་བསླབ་བྱ་ཁག་ལ་བག་ཆགས་ཅུང་ཟད་བཞག་མྱོང་།ཁྱད་པར་དུ་སྤྱི་ལོ་༢༠༡༥ལོར་རང་ཉིད་ཀྱི་དགའ་ཕྱོགས་ལྟར་དུ་འདི་གའི་གློག་བརྙན་ཆེད་སྦྱོང་འཛིན་གྲྭར་ཞུགས་ནས་མི་ལོ་གསུམ་གྱི་ཡུན་ལ་གློག་བརྙན་ཕབ་སྐྲུན་དང་པར་ལེན་སྒྱུ་རྩལ་གྱི་ལས་ལ་འབད་པ་ཅུང་ཟད་བྱས་པའི་འབྲས་རྟགས་ལྟ་བུར་དགུ་གཏོར་དང་གུ་རུ་དགོན། མ་ཎི་རྡོ་བརྐོས་སོགས་ཀྱིས་མཚོན་པའི་བོད་རིགས་ཀྱི་ཡུལ་སྲོལ་སྲོག་ཤིང་དུ་བྱས་པའི་བརྙན་གཟུགས་དུ་མ་ཕབ་སྐྲུན་བྱས། མ་ཟད་༢༠༡༤ལོའི་ཞིང་ཆེན་རིམ་པའི་པར་རིས་འགྲན་སྡུར་ཁྲོད་རང་ཉིད་ཀྱི་བརྩམས་ཆོས་དགུན་ཟླའི་རྨ་ཆུ་ལ་ཨང་གཉིས་པའི་བྱ་དགའ་ཐོབ་མྱོང་། མདོར་ན་གློག་བརྙན་སྒྱུ་རྩལ་གྱི་ལམ་ཁ་འདིས་ང་ལ་རེ་བ་དང་ཡིད་ཆེས་ལྷག་མ་ཞིག་གནང་ཡོད།

broken image

个人作品

玛尼石མི་ཎི་རྡོ་བརྐོས།
broken image

བརྙན་མིང་། མི་ཎི་རྡོ་བརྐོས།

片名 玛尼石

རིང་ཚད། སྐར་མ། ༣༥

片长 35

བརྙན་གྱི་ནང་དོན།

故事简介

རིང་ཚད་སྐར་མ་སོ་ལྔ་ཅན་གྱི་བརྙན་ཐུང་མ་ཎི་རྡོ་བརྐོས་ཞེས་པ་འདིའི་ནང་དོན་ནི་གཙོ་བོ་ནང་བསྟན་པའི་དད་མོས་ཀྱི་སྟེང་ནས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་སྟངས་ཤིག་གི་བརྒྱུད་རིམ་མཐའ་དག་ཕྱོགས་བསྡུས་ཀྱིས་མཚོན་ཡོད་ལ་།དེ་ལས་ཀྱང་རང་བྱུང་ཁམས་དང་མིའི་བར་གྱི་བརྩེ་བ། རྡོ་བརྐོའི་ལག་རྩལ་དང་མི་རིགས་ཀྱི་དད་མོས་བཅས་མཚོན་པར་བྱས་ཡོད།

这片玛尼石的影片里主要讲了宗教信仰的方式来说明保护自然环境的一个过程,还有大自然与人的友谊,可玛尼石的手艺。

broken image
broken image
broken image

བརྙན་མིང་། རི་འཛེག་བྱ་འགུལ

片名 转山

རིང་ཚད། སྐར་མ། ༣༥

片长 35

བརྙན་གྱི་ནང་དོན།

རི་འཛེག་བྱ་འགུལ་ཞེས་པའི་རིང་ཚད་སྐར་མ་སོ་ལྔ་ཅན་གྱི་བརྙན་འདིའི་ནང་དོན་གཙོ་བོ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་ལྟར་སྤེལ་བཞིན་པའི་སྐབས་གསུམ་པའི་དབྱར་ཁའི་རི་འཛེག་བྱ་འགུལ་གྱི་དགེ་སློབ་ཡོངས་ཀྱི་ཉིན་གཅིག་གི་འཚོ་བའི་སྣང་བརྙན་ཡོད་ཚད་མཚོན་པར་བྱས་ཡོད།

故事

影片里主要是吉美坚赞民族职业学校的师生一起参加一年一度的转山活动