仁真泽仁
出生于四川省白玉县昌台镇
2015年参入吉美坚赞民族职业学校 专业影视班
自幼小认读音节,当我16岁的时候才有上学的机会,自从接触了佛法,每天都贵的满满当当。我在只几年学到的最大的知识是认识了影视是怎样的一种深刻的理论。虽然我没有特殊的能力,但在老师们的指导下这几年放暑假和寒假回家拍摄的纪录片有《 我的母亲与家乡的闭斋》 《缝纫》 《平凡的每一天》 《牛皮袋与牛主》 等拍摄的目前未编织的拍摄中我 知晓了拍摄的能力与价值。此时我会积极参与影视文化与编织影视的工作。
་སྤྲོད
རང་ཉིད་ངོ་སྦྱོར།
ངའི་མིང་ལ་རིག་འཛིན་ཚེ་རིང་ཟེར་ལ། ཕ་ཡུལ་སི་ཁྲོན་དཔལ་ཡུལ་རྫོང་ཁྲོྃ་ཐལ་ཕྱོགས་ནས་སྐྱེས་ཤིང་།
རང་ལོ་བཅུ་དྲུག་བར་སློབ་གཉེར་བྱེད་པའི་གོ་སྐབས་བྱུང་། རང་ལོ་བཅུ་དྲུག་ལ་སོན་ནས་དགོན་སྡེ་རེ་འགར་ཕྱིན་ཏེ།
ཐ་སྙད་རིག་གཞུང་གིས་མཚོན་པའི་ནང་བའི་རིག་གཞུང་ཐན་ཐུན་རེ་འགར་སྦྱོང་བ་མཚོན་ཙམ་རེ་བྱེད་མྱོང་ལ། ༢༠༡༥ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐོ་འབྲིང་རིམ་པར་ཞུགས་ཤིང་། གློག་བརྙན་འཕྲིན་ཆེད་སྦྱོང་འཛིན་གྲྭ་བདམས་ཏེ་ལོ་གསུམ་ཙམ་འགོར། ཁོ་བོས་ལོ་འདི་དག་ལ་ཤེས་རྟོགས་ཆེན་པོ་ཞིག་བྱུང་བ་ནི། གློག་བརྙན་ལས་རིག་ནི་གཏིང་ཟབ་པའི་ལས་རིག་ཅིག་ཡིན་པ་དེ་ཙམ་ཡིན་པས། ཕྲན་ལ་དམིགས་བསལ་བའི་འཇོན་ནུས་གང་ཡང་མ་བྱུང་མོད། དགེ་རྒན་རྣམ་པའི་བཀའ་དྲིན་ལས། ལོ་འདི་དག་གི་དབྱར་གནང་དང་དགུན་གནང་སྐབས་ཕ་ཡུལ་དུ་ལོག་སྟེ།
ལས་བྱའི་ཚུལ་དུ་དངོས་བཤུས་གློག་བརྙན་《ངའི་ཕ་མ་དང་ཕ་ཡུལ་གྱི་སྙུང་གནས།》
《འཚེམ་བཟོ།》 《ཨ་མའི་ནམ་རྒྱུན་གྱི་ཉིན་གཅིག 》 《སྒྱོ་བ་དང་ཟོག་བདག》 བཅས་ཀྱིས་མཚོན། ད་དུང་སྒྲིག་སྦྱོར་བྱས་མེད་པའི་བརྙན་མིག་ཐར་ཐོར་རེ་ཟུང་ལེན་ཁུལ་བྱས་པའི་བརྒྱུད་རིམ་ཁྲོད། དངོས་བཤུས་གློག་བརྙན་གྱི་རིན་ཐང་དང་བྱེད་ནུས་མཐོང་བས། ང་རང་སྔར་ལས་ཀྱང་དངོས་བཤུས་གློག་བརྙན་ལ་སྤྲོ་བ་དང་དུང་བ་ཞིག་རང་ཤུགས་ཀྱིས་འཕེལ་གྱིན་འདུག དེ་བས་མ་འོངས་པར་ཡང་ཕྱི་ནང་གི་མཐུན་རྐྱེན་འཛོམས་ན། རང་ནུས་ལྟར་གློག་བརྙན་ལས་རིག་ལ་སྦྱོང་བ་དང་། གློག་བརྙན་ཕབ་སྒྲིག་གི་བྱ་བར་གཞོལ་འདུན་ཡོད།
个人作品
牛皮袋与牛主
片长 44分钟
这部影视纪录片中陈述了牧民日常中最有用、也最重视的牛皮袋的制造和技术等。顺便也讲述了牛皮袋与牛主的直接关系和牛主对牧牛的情意。这部影视不仅有回忆和记录作用,而且有将来追寻当地的居民生活情况与研究资料的价值,尤其是怎样制造牛皮袋的方式和经过等,促进了培养传统与牧民习俗文化,顺便也表现了牛主的牧牛慈祥的情意。
གློག་བརྙན་ངོ་སྦྱོར།
བརྙན་མིང་། 《སྒྱོ་བ་དང་ཟོག་བདག》 རིང་ཚད། སྐར་མ། ༤༤
དངོས་བཤུས་གློག་བརྙན་འདིའི་ནང་གཙོ་བོ་འབྲོག་པར་རྩིས་ཐང་ཆེ་ཞིང་། བཀོལ་རྒྱ་ཆེ་བའི་སྒྱོ་བ་ནི།
ཇི་ལྟར་བཟོ་དགོས་པའི་རྒྱུད་རིམ་ཧྲིལ་བོ་རྩལ་དུ་བཏོན་ཏེ། ཞོར་འཕྲོས་ཀྱིས་སྒྱོ་བ་དང་ཐད་ཀར་འབྲེལ་ཆེ་བའི་ཟོག་བདག་དང་།
ཕྱུགས་ཟོག་བར་གྱི་འབྲེལ་བ། ཟོག་བདག་གིས་ཕྱུགས་ཟོགས་ལ་བཟུང་བའི་འདུ་ཤེས་སོགས་མཚོན་ཐབས་བྱས་ཡོད་ཅིང་།
འདི་ལ་ཕྱིར་དྲན་དང་ཟིན་ཐོ་ཙམ་དུ་མ་ཟད། མ་འོངས་པར་སྒནས་འཚོ་བའི་གནས་ཚུལ་དང་། ཡུལ་སྲོལ་རིག་གནས་ཀྱི་ཞིབ་འཇུག་རྒྱུ་ཆའི་ཁུངས་བཙུན་རིན་ཐང་ལྡན་ལ། ལྷག་པར་སྒྱོ་བ་ཇི་ལྟར་བཟོ་བའི་གོ་རིམ་ཧྲིལ་བོ་དེར་ཡུལ་སྲོལ་རིག་གནས་སླར་གསོའི་ནུས་པ་ལྡན་པར་སྙམ་ལ།
ད་དུང་ཟོག་བདག་གིས་ཕྱུགས་ཟོག་ལ་བཟུང་བའི་འདུ་ཤེས་དེས་ཀྱང་ང་ཚོའི་ཐུན་མིན་གྱི་འཚེ་མེད་བྱམས་བརྩེ་སོགས་ཀྱང་ཟ་ཟུར་མཐོང་ཐུབ་པར་སྙམ་ཡོད།
片名;《平凡的每一天》
片长;26分钟
此纪录片主要讲了年迈的老母亲一人承担照顾小孩和做家务的情景,她很辛苦,但没有抱怨,仍然那么开朗。
གློག་བརྙན་ངོ་སྤྲོད།
བརྙན་མིང་། 《ཨ་མའི་ནམ་རྒྱུན་གྱི་ཉིན་གཅིག》
རིང་ཚད། སྐར་མ། ༢༦
གློག་བརྙན་འདིའི་ནང་དུ་མ་རྒན་བགྲེས་མོ་ཞིག་གིས་ཟ་མ་གཡོ་སྦྱོར་དང་བྱིས་པ་གཉོར་སྐྱོང་སོགས་ཀྱིས་མཚོན་པའི་ཁྱིམ་ལས་མང་པོ་ཞིག་ལས་བཞིན་པའི་སྣང་བརྙན་དེ་དངོས་བཤུས་བྱས་ཡོད་ལ།
མ་རྒན་དེ་ལོ་ན་ལྔ་བཅུར་སོན་ཡང་ད་དུང་ཁྱིམ་ལས་ཡོད་ཚད་འགྲུབ་ཐབས་བྱེད་དགོས་པས།
དཀའ་ཚེགས་ཧ་ཅང་ཆེ་ཡང་། ཁོ་མོར་འཁང་ར་དང་། སྡུག་ཡུས་ཅི་ཡང་མེད་པར་མ་ཟད། གཞན་གྱི་བྱིས་པ་དག་བརྩེ་བ་ལྷད་མེད་ཀྱིས་གཉོར་བཞིན་ཡོད་པ་དེ་མངོན་ཐབས་བྱས་ཡོད།